རྩིས་ལས་དང་འབྲུག་གི་རྩིས་ཞིབ་གནས་ཚད་བཀོད་ཚོགས།

ཚོང་སྡེ་གོང་འཕེལ་འགྱོ་མི་དང་འབྲེལ་འབྲུག་པའི་དཔལ་འབྱོར་ ཚོང་འབྲེལ་དང་མ་རྩ་གཞི་བཙུགས་ཀྱིས་དོན་ལུ་ ཕྱིའི་འཛམ་གླིང་ཚུ་དང་གཅིག་ཁར་འབྲེལ་བ་ཐབས་པའི་དུས་ལུ་རྒྱལ་ཁབ་ནང་ རྩིས་ལས་དང་རྩིས་ཞིབ་ཀྱི་ལག་ལེན་འདི་གོང་འཕེལ་བཏང་ནི་འདི་ཁག་ཆེཝ་སྦེ་ཚོར་མས།

དེ་བཟུམ་འབད་ རྩིས་ལས་དང་རྩིས་ཞིབ་གནས་ཚད་འགོ་འཁྲིད་འབད་ནི་ལུ་ ཚོགས་སྡེ་གི་  ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་གི་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ བཞི་པའི་སྤྱི་ཚེས་ ༣༠ ལུ་ཚོགས་ཡོད་པའི་ ཚོགས་ཐུན་ ཐེངས་ ༦༩་པའི་སྐབས་ རྩིས་ལས་དང་ འབྲུག་གི་གནས་ཚད་རྩིས་ཞིབ་བཀོད་ཚོགས་གཞི་བཙུགས་ཀྱི་དོན་ལུ་དངུལ་རྩིས་ལྷན་ཁག་གིས་ཕུལ་ཡོད་པའི་གྲོས་འཆར་ཐོག་ལུ་འབད་ངོས་ལེན་མཛད་དེ་ཡོདཔ་ཨིན།

རྩིས་ལས་དང་འབྲུག་གི་རྩིས་ཞིབ་གནས་ཚད་བཀོད་ཚོགས་ཀྱི་འཆར་སྣང་།

སྤུས་ཚད་ལྡན་པའི་དངུལ་འབྲེལ་སྙན་ཞུ་དང་རྩིས་ཞིབ་གནས་ཚད་འདི་རྒྱལ་སྤྱིའི་ཤོ་མཚུངས་འབད་ལག་ལེན་ཐོག་ལས་གོང་འཕེལ་འཕེལ་གཏང་ནི་དང་ འབྲུག་གི་རྩིས་ལས་གནས་ཚད་གཞི་བཙུགས་འབད་ནི་དང་  འབྲུག་གི་གནས་ཚདཐོག་ལུ་རྩིས་ཞིབ་གོང་འཕེལ་གཏང་ནི།

རྩིས་ལས་དང་འབྲུག་གི་རྩིས་ཞིབ་གནས་ཚད་བཀོད་ཚོགས་ཀྱི་དམིགས་ཡུལ་ངོ་མ།

༡ འབྲུག་གི་རྩིས་ལས་གནས་ཚད་དང་འབྲུག་གི་གནས་ཚད་རྩིག་ཞིབ་འདི་  སྤུས་ཚད་སྦོམ་བཟོ་སྟེ་ གསལ་ཏོག་ཏོ་ དང་ངེས་སྤྱོད་འབད་ནི།

༢ འབྲུག་གི་རྩིས་ལས་གནས་ཚད་དང་འབྲུག་གི་གནས་ཚད་རྩིས་ཞིབ་ འདི་རྒྱལ་སྤྱི་རྩིས་ལས་གནས་ཚད་/ རྒྱལ་སྤྱི་དངུལ་འབྲེལ་སྙན་ཞུ་གནས་ཚད་/  རྒྱལ་སྤྱི་རྩིས་ཞིབ་གནས་ཚད་གཅིག་ཁར་མཐུན་འབྲེལ་བཟོ་ནི།

༣ གཞུང་གི་ངོས་ལེན་གྱི་དོན་ལུ་འབྲུག་གི་རྩིས་ལས་གནས་ཚད་དང་འབྲུག་གི་གནས་ཚད་རྩིས་ཞབ་ལུ་རྒྱབ་སྣོན་འབད་ནི།

༤ འབྲུག་གི་རྩིས་ལས་གནས་ཚད་དང་འབྲུག་གི་གནས་ཚད་ཐོག་ལུ་རྩིས་ཞིབ་འདི་འབྲེལ་ཡོད་ཡོངས་ལུ་ཤེས་རིག་དང་བརྒྱུད་འབྲེལ་གོང་འཕེལ་གཏང་ནི།

༥ འབྲུག་གི་གློ་བུར་ཚོང་ལམ་གྱི་དོན་ལུ་དངུལ་འབྲེལ་སྙན་ཞུ་གི་ས་ཁོངས་ནང་ཞིབ་འཚོལ་རྒྱབ་སྐྱོར་དང་གོང་འཕེལ་གཏང་ནི།

༦དཔལ་ལྡན་འབྲུག་གཞུང་གི་ཚོང་སྡེའི་བཅའ་ཁྲིམས་དང་གཞན་འབྲེལ་ཡོད་ཁྲིམས་བཟོའི་ཐོག་ལས་འབྲུག་གི་རྩིས་ལས་གནས་ཚད་དང་འབྲུག་གི་གནས་ཚད་རྩིས་ཞིབ་ལུ་དགོས་པའི་ཁྲིམས་དང་ཁྲིམས་ལྡན་བཀོད་ཁྲམ་ཚུ་མཐུད་འབྲེལ་བཟོ་ནི།

རྩིས་ལས་དང་འབྲུག་གི་རྩིས་ཞིབ་གནས་ཚད་བཀོད་ཚོགས་ཀྱི་སྒྲིག་བཀོད།

༡ དངུལ་འབྲེལ་སྙན་ཞུ་གནས་ཚད་སྡེ་ཚན།

༡ གནས་ཚད་གསརཔ་ཡང་ན་ འཕྲི་སྣོན་ཚུ་གནས་ཚད་ལུ་བསྐྱར་བཟོ་འབད་ནི།

༢ ཆ་གནས་བསྐྱར་བཟོ།

༣ འཕྲུལ་རིག་གི་དོགས་སེལ་བྱིན་ནི།

༤ ཁྱད་རིག་ལཱ་གི་གོང་འཕེལ་དོན་ལུ་རྒྱབ་སྐྱོར།

༢ མི་དམངས་ལས་སྡེའི་རྩིས་ལས་གནས་ཚད་སྡེ་ཚན།

༡གནས་ཚད་གསརཔ་ཡང་ན་ འཕྲི་སྣོན་ཚུ་གནས་ཚད་ལུ་བསྐྱར་བཟོ་འབད་ནི།

༢ཆ་གནས་བསྐྱར་བཟོ།

༣འཕྲུལ་རིག་གི་དོགས་སེལ་བྱིན་ནི།

༣རྩིས་ཞིབ་དང་ཁས་ལེན་གྱི་གནས་ཚད་སྡེ་ཚན།

༡གནས་ཚད་གསརཔ་ཡང་ན་ འཕྲི་སྣོན་ཚུ་གནས་ཚད་ལུ་བསྐྱར་བཟོ་འབད་ནི།

༢སྤུས་ཚད་ཀྱི་ཁས་ལེན།

༣འཕྲུལ་རིག་གི་དོགས་སེལ་བྱིན་ནི།

༤འབྲུག་གི་ཅཊ་རྩིས་འཛིན་པའི་གཙུག་སྡེ་གཞི་བཙུགས་འབད་ནི་ལུ་ཕན་ཐབས་འབད་ནི།

༤བདག་སྐྱོང་དང་དངུལ་རྩིས་སྡེ་ཚན།

བདག་སྐྱོང་དང་དངུལ་རྩིས་ལཱ་འགན་སྤྲོད་ནི་ཡང་།

༡རྩིས་ལས་དང་འཆར་དངུལ་བཀོད་སྒྲིག་འབད་ནི།

༢བདག་སྐྱོང་།

༣ལས་འགུལ་འཛིན་སྐྱོང་།

༤TWC དང་བཀོད་ཚོགས་ཞལ་འཛོམས།

༥ནང་འཁོད་ཁྱད་ལཱ་གོང་འཕེལ་གྱི་རྒྱབ་སྐྱོར།

 222 ཡོངས་བསྡོམས་བལྟ་མི།,  1 ད་རིས་བལྟ་མི།

Print Friendly, PDF & Email