འོང་འབབ་དང་ཅ་དམ་ལས་ཁུངས།

འཆར་སྣང་།

རྒྱལ་ཡོངས་འོང་འབབ་ལམ་ལུགས་ཕན་ནུས་ཅན་སྦེ་བཟོ་ཐོག་ལས་ རྒྱལ་ཁབ་གོང་འཕེལ་བཏང་ནི་ལུ་ཕན་ཐབས་འབད་ནི།

དམིགས་སྐྱེད

ཁྲལ་དང་ཅ་དམ་བདག་སྐྱོང་ལུ་ གོང་ཚད་དམའ་ཤོས་ཀྱི་ཐོག་ལས་ ཕྱོགས་རིས་མེདཔ་དང་ རིམ་མཐུན་སྒྲིག་གཞི་ལག་ལེན་འཐབ་སྟེ་ ཁྲལ་ཚུ་དོན་སྨིན་དང་ཕན་ཐོགས་ཅན་ཅིག་སྦེ་བསྡུ་ལེན་འབད་ཚུགས་པའི་ལྕོགས་གྲུབ་ཡོདཔ་བཟོ་སྟེ་ ཁྲལ་བཏབ་མི་ཚུ་ལུ་ དྲང་བདེན་དང་སྟབས་བདེ་བའི་ཞབས་ཏོག་ཚུ་བྱིན་ནི།

འདུས་ཚོགས་སྒྲིག་བཀོད།

 

སྡེ་ཚན།

ཁྲལ་གྱི་བདག་སྐྱོང་སྡེ་ཚན།

  • འབྲུག་གི་འོང་འབབ་ཁྲལ་གྱི་བཅའ་ཁྲིམས་ ༢༠༠༡ ཅན་མ་དང་ སྒྲིག་གཞི་ཚུ་ ལག་ལེན་དང་ ལྟ་རྟོག་འབད་ནི།
  • དངུལ་རྩིས་ལྷན་ཁག་ལུ་འོང་འབབ་དང་འབྲེལ་བའི་གནད་དོན་  ཁྲལ་གྱི་སྲིད་བྱུས་དང་འཆར་གཞི་ཐོག་ལུ་བསྐྱར་ཞིབ་དང་གྲོས་སྟོན་འབད་ནི།
  • དུས་དང་དུས་སུ་ཁྲིམས་ཚུ་བསྐྱར་བཟོ་འབད་ནི།

ཅ་དམ་དང་ཅ་ཁྲལ་སྡེ་ཚན།

  • འབྲུག་གི་ཚོང་  ཅ་དམ་དང་ཅ་ཁྲལ་གྱི་བཅའ་ཁྲིམས་༢༠༠༠ ཅན་མ་དང་ སྒྲིག་གཞི་ཚུ་ལག་ལེན་དང་ལྟ་རྟོག་འབད་ནི།
  • དངུལ་རྩིས་ལྷན་ཁག་ལུ་ཅ་དམ་དང་ཅ་ཁྲལ་སྲིད་བྱུས་ཐོག་ལུ་བསྐྱར་བཟོ་དང་གྲོས་སྟོན་འབད་ནི།
  • ཁྲིམས་ལུགས་བསྟར་སྤྱོད་འབད་མི་ ལས་སྡེ་གཞན་དང་གཅིག་ཁར་མཉམ་འབྲེལ་འབད་དེ་ བཀག་དམ་འབད་མི་ཅ་དངོས་ནག་ཚོང་རྐྱབ་མི་ཚུ་སྔོན་འགོག་འབད་ནི།
  • རྒྱ་གར་གཞུང་གི་ཅ་ཁྲལ་ལོག་སྤྲོད་ཐོབ་རྩིས་བཟོ་ནི།
  • WCO ལུང་ཕྱོགས་ཅ་དམ་བདག་སྐྱོང་དང་གཞན་རྒྱལ་སྤྱི་ལས་ཚབ་ཚུ་དང་འབྲེལ་བ་འཐབ་ནི།

འོང་འབབ་རྩིས་ཞིབ་དང་རྩིས་ཁྲ་སྡེ་ཚན།

  • རྒྱལ་ཡོངས་འོང་འབབ་གནས་རྩིས་ བསྡུ་ལེན་དང་བཙུགས་བཞག་འབད་ནི།
  • དུས་རྒྱུན་མིན་པའི་འོང་འབབ་ཞིབ་དཔྱད་འབད་ནི།
  • འོང་འབབ་ལས་སྡེ་ཚུ་ལུ་ འོང་འབབ་དང་འབྲེལ་བའི་གནད་དོན་གྱི་ཐད་ལུ་ བཅའ་ཡིག་དང་བྱ་སྒོའི་རིམ་པ་ཚུ་ གྲོས་སྟོན་དང་བར་བཀག་འབད་ནི།
  • རྩིས་ལོ་དང་འཆར་ལོ་གུར་གཞི་བཞག་སྟེ་ རྒྱལ་ཡོངས་འོང་འབབ་སྔོན་བཤད།
  • རྒྱལ་ཡོངས་འོང་འབབ་ཀྱི་སྙན་ཞུ་བཟོ་ནི།
  • གཞུང་གི་འོང་འབབ་རྩིས་ཁྲ་ལས་དངུལ་ཚབ་སྤྲོད་ནིའི་བྱ་རིམ་འཐབ་ནི།

ཚོང་ཁྲལ་སྡེ་ཚན།

  • འབྲུག་གི་ ཚོང་ཁྲལ་ ཅ་དམ་དང་ ཅ་ཁྲལ་གྱི་བཅའ་ཁྲིམས ༢༠༠༠ ཅན་མ་དང་ སྒྲིག་གཞི་ལག་ལེན་དང་ལྟ་རྟོག་འབད་ནི།
  • དངུལ་རྩིས་ལྷན་ཁག་ལུ་སྲིད་བྱུས་འཆར་གཞི་དང་སྒྲིག་གཞི་བསྐྱར་བཟོ་འབད་ནི་ལུ་བསྐྱར་ཞིབ་དང་གྲོས་སྟོན་འབད་ནི།
  • ཤིང་ འཕྲུལ་ཆས་ སོར་འཐེབ་དང་  རང་བཞིན་རྒྱུ་ཆ་ཚུ་བྱིན་ནི་དང་ལྟ་རྟོག་འབད་ནི།
  • ཚོང་ཁྲལ་ལོག་སྤྲོད་ནི།

བརྡ་དོན་སྡེ་ཚན།

མི་མང་བརྡ་དོན་ཞབས་ཏོག

ཐད་ཀར་དང་ཐད་ཀར་མིན་པའི་ཁྲལ་གྱི་བརྡ་དོན་ སྒྲིག་གཞི་དང་ ཁྲིམས་ལུགས་ཁྱབ་སྤེལ་འབད་ནི།

བརྡ་དོན་འཕྲུག་རིག་ལས་ཚན།

ནུས་ཅན་དང་འཇོན་དྲགས་ཅན་གྱི་འཛིན་སྐྱོང་དོན་ལུ་བརྡ་དོན་འཕྲུག་རིག་རིམ་ལུགས་བཟོ་ནི་དང་རྒྱུན་སྐྱོང་འབད་ནི།


ཁྲལ་གྱི་ལམ་ལུགས།

རྒྱབ་ཁུངས་ལོ་རྒྱུས།

སྤྱི་ལོ་ ༡༩༦༠ གི་སྔ་གོང་ལུ་ཁྲལ་ཚུ་རྒྱུ་དངོས་བསྡུ་བླང་དང་ འུར་ལཱ་ཚུ་གི་ཐོག་ལས་ འབད་སྡོད་ནུག་ ཤུལ་ལས་རྒྱུ་དངོས་ཀྱི་ཁྲལ་བསྡུ་བླང་ཚུ་གི་ཚབ་ལུ་ རིམ་གྱིས་སྦེ་ དངུལ་ཁྲལ་དུམ་གྲ་རེ་བཏབ་ནི་ཚུ་འགོ་བཙུགས་ནུག།

  • ས་གཞི།
  • རྒྱུ་ནོར།
  • ཚོང་གི་འོང་འབབ།
  • ཅ་དངོས་དང་ཞབས་ཏོག་སྤྱོད་པ།

གལ་གནད་ཅན་གྱི་ཁྲལ་བསྐྱར་བཟོ་འགོ་དང་པ་ ༡༩༨༩་ལུ་འབད་ནུག
རྒྱུ་མཚན།

  • ཁྲལ་སྣ་ཚོགས་ཀྱི་བཙོང་ཆས་ཚད་འཇལ་འབད་ནི།
  • ཁུངས་ལྡན་ཁྲལ་གྱི་ལམ་ལུགས་གསལ་ཏོག་ཏོ་བཟོ་ནི།
  • རྒྱུན་དུ་དགོས་མཁོ་བྱུང་བའི་ཁྲལ་གྱི་ལམ་ལུགས་མར་ཉམས་འབད་ནི་དོན་ལུ་ དྲང་སྙོམ་  དྲང་བདེན་ དང་ འཇོན་དྲགས་ཅན་གྱི་ལམ་ལུགས་གཞི་བཙུགས་འབད་ནི།
  • རིམ་ལུགས་ནང་ ཡིག་ཆ་ཆ་ཚང་བཙུགས་ཏེ་ ཁྲལ་བཏབ་མི་ཚུ་ལུ་གོ་བརྡ་ཡར་དྲག་གཏང་ནི།

དོན་ཚན་གལ་ཆེ་ཤོས།

  • ཚོང་གི་འོང་འབབ་ཁྲལ་གྱི་ཁེབ་ས་ངེས་ཏིག་ འོང་འབབ་བསྡོམས་ཀྱི་ཁྲལ་བརྒྱ་ཆ་༢ གིས་ཚབ་བཙུགས་འབད་ནི།
  • ཕྱིར་ཚོང་འོང་འབབ་ཡངས་ཆག་གནང་ནི།
  • ཚོང་ཁྲལ་དང་ ནང་འདྲེན་འགན་ཁུར་ཐོག་ལས་ འཕྲུལ་ཆས་ཡངས་ཆག་གནང་ནི།
  • གཞན་སུན་འཚེར་ཁྲལ་ཧྲམ་གཏང་ནི།

༡༩༩༢་ ལུ་ཁྲལ་བསྐྱར་བཟོ།

དགོས་དོན།

  • ཁྲལ་གྱི་བཟོ་བཀོད་ཁུངས་ལྡན་དུ་བཟོ་བ།
  • ཁྲལ་གྱི་གཞི་རྟེན་རྒྱ་སྐྱེད་གཏང་ནི།
  • འཁྲིལ་ནི་དང་དྭངས་གསལ་གྱི་དོན་ལུ་བདག་སྐྱོང་བྱ་སྒོའི་ལམ་ལུགས་སྟབས་བདེ་ཏོག་ཏོ་བཟོ་ནི།

 5,213 ཡོངས་བསྡོམས་བལྟ་མི།,  2 ད་རིས་བལྟ་མི།

Print Friendly, PDF & Email