དཔལ་འབྱོར་དངུལ་ཁུངས་དང་དངུལ་རྩིས་འགོ་འདྲེན་ལས་ཁུངས།

རྒྱ་ཁྱབ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་འདི་སྡེ་ཚན་བཞི་གིས་རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན།

 དེ་ཡང་

༡) རྒྱ་ཁྱབ་དཔལ་འབྱོར་སྲིད་བྱུས་འགོ་འདྲེན་དང་ ཞིབ་རྟོག་སྡེ་ཚན།

༢) འཆར་དངུལ་སྲིད་བྱུས་སྡེ་ཚན།

༣) བུ་ལོན་འཛིན་སྐྱོང་སྡེ་ཚན།

༤) མ་རྩ་གཞི་བཙུགས་དང་གཞུང་སྐྱོང་ལས་འཛིན་སྡེ་ཚན།

རྒྱ་ཆེ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་འདི་རྒྱ་ཁྱབ་དཔལ་འབྱོར་གྱི་སྲིད་བྱུས་དང་ལས་རིམ་ཚུ་བཟོ་ནི་ ལྟ་རྟོག་དང་འགོ་འདྲེན་འཐབ་ནི།  དེ་མ་ཚད་ དཔལ་འབྱོར་གྱི་སྲིད་བྱུས་འགོ་འདྲེན་འཐབ་མི་ངོ་མ་ཅིག་ཨིནམ་དང་གཞུང་ལུ་རྒྱ་ཁྱབ་དཔལ་འབྱོར་དང་མི་མང་དངུལ་རྩིས་འཛིན་སྐྱོང་གི་སྲིད་བྱུས་ཚུ་གི་ གྲོས་སྟོན་བྱིནམ་ཨིན།

འདི་གིས་དངུལ་རྩིས་སྲིད་བྱུས་དང་འབྲེལ་བའི་གནད་དོན་ དཔེར་ནཐོན་སྐྱེད་འཚོལ་སྒྲུབ་འབད་ནི་  ཟད་འགྲོ་འགབ་ནི་  མི་མང་བུ་ལོན་འཛིན་སྐྱོང་ མ་རྩའི་ཚོང་ལམ་གོང་འཕེལ་ ཟུང་ཕྱོགས་དང་མང་ཕྱོགས་དངུལ་རྩིས་གཙུག་སྡེ་ཚུ་དང་མཐུན་འབྲེལ་ཚུ་འབདཝ་ཨིན།

རྒྱལ་ཁབ་དཔལ་འབྱོར་དང་འབྲེལ་བའི་འགན་དབང་ག་ར་ ལས་ཁུངས་དེ་གི་འོག་ལུ་གཅིག་ཁར་བསྡབ་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དོན་སྨིན་ཅན་གྱི་འགོ་འདྲེན་དང་ འཛིན་སྐྱོང་འཐབ་ཡོདཔ་ངེས་བརྟན་བཟོ་ནི་འདི་ཨིན།

རྒྱ་ཁྱབ་དཔལ་འབྱོར་འགོ་འདྲེན་གྱི་ལཱ་འགན་ངོ་མ་རང་དངུལ་རྩིས་ལྷན་ཁག་གི་སྲིད་འཆར་སྡེ་ཚན་གྱིས་འབད་དོ་ཡོདཔ་དང་དེ་ཡང་ལས་ཁུངས་གསརཔ་ལུ་གནས་སོར་འབད་བའི་ཤུལ་ལུ་སྲིད་འཆར་སྡེ་ཚན་གྱིས་ལྷན་ཁག་དང་ལས་ཁུངས་ཁག་གི་སྲིད་བྱུས་ཞབས་ཏོག་དང་འགོ་འདྲེན་འཐབ་ནི་ཚུ་ལུ་དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན།

རྒྱ་ཆེ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་ཀྱིས་ རྒྱ་ཁྱབ་དཔལ་འབྱོར་གྱི་གཞི་བཀོད་ལས་བྱུང་མི་གནད་དོན་ཚུ་གི་ ཁྱད་རིག་དང་དབྱེ་དཔྱད་ཚུ་གུར་ དངུལ་ལས་དབང་འཛིན་ཚུ་དང་ དོན་སྨིན་ཅན་གྱི་སྲིད་བྱུས་འགོ་འདྲེན་འབད་ནི་ཚུ་གི་བར་ན་ དམིགས་པ་ཚུ་རིམ་མཐུན་སྦེ་ཡོདཔ་ངེས་བརྟན་བཟོ་ནི་གུར་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ འབྲེལ་འཐབ་འབད་ནི་དང་ མཉམ་འབྲེལ་འབད་ནི། དེ་མ་ཚད་ མི་མང་ཚོང་འབྲེལ་གྱི་གཞུང་སྐྱོང་ལས་འཛིན་ལེགས་ཤོམ་ཅིག་བཟོ་ནིའི་ཞལ་བཀོད་འབད་ནི་དང་རྒྱ་སྐྱེད་གཏང་ནི། 

འཆར་སྣང་།

རྒྱུན་བརྟན་ བཟོད་སྲན་ འདྲ་མཉམ་དང་དང་ཡུན་བརྟན་དཔལ་འབྱོརགོང་འཕེལ་གྱི་དོན་ལུ་ རྒྱ་ཁྱབ་དཔལ་འབྱོར་གྱི་སྲིད་བྱུས་ཡང་དག།

དམིགས་སྐྱེད།

  • རྒྱ་ཁབ་དཔལ་འབྱོར་སྲིད་བྱུས་ཡང་དག་འགོ་འདྲེན་འཐབ་ཡོདཔ་ངེས་བརྟན་བཟོ་ནི།
  • དངུལ་འབྲེལ་སྒྲིག་གཞི་ཚུ་ཡོདཔ་ངེས་བརྟན་བཟོ་ནི།
  • མི་མང་བུ་ལོན་ཡུན་བརྟན་གྱི་གནས་རིམ་རྒྱུན་སྐྱོང་འབད་ནི།
  • རྒྱ་ཁྱབ་དཔལ་འབྱོར་གྱི་ཉེན་ཁ་ཚུ་ དོན་སྨིན་ཅན་ཅིག་སྦེ་བརྟག་ཞིབ་དང་འཛིན་སྐྱོང་འབད་ཡོདཔ་ངེས་བརྟན་བཟོ་ནི།
  • རྒྱ་ཁྱབ་དཔལ་འབྱོར་གྱི་སྤྱིར་བསྡོམས་ཚུ་ དུས་ཐོག་དང་བློ་གཏད་ཡོདཔ་ངེས་བརྟན་བཟོ་ནི།

ཁྱད་བཅུད།

ལས་ཁུངས་འདི་གིས་ ཁྱད་ལཱ་ བློ་གཏད་  འགན་འཁྲི་ མངོན་དཔག་དང་ དྭངས་གསལ་ཐོག་ལས་ འབྲུག་གི་རྒྱ་ཁྱབ་དཔལ་འབྱོར་གྱི་ ནུས་ཤུགས་དང་བཅསཔ་སྦེ་ སྲིད་བྱུས་དཔྱད་ཞིབ་དང་ཞིབ་འཚོལ་ལས་རིམ་ཚུ་ག་རའི་ནང་ སྤྱི་དོན་ལུ་རྒྱབ་སྐྱོར་འབད་ནི།

འགན་དབང་།

  • རྒྱ་ཆེ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་ཀྱིས་ དངུལ་རྩིས་ལྷན་ཁག་ལུ་ མི་མང་དངུལ་རྩིས་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཕྲི་བསྣོན་ ༢༠༡༢ ཅན་མའི་ འགན་དབང་ཚུ་གྲུབ་ནི་ལུ་ གལ་གནད་ཆེ་བའི་འགན་ཁུར་འབག་སྟེ་རྒྱབ་སྐྱོར་འབད་ནི།མི་མང་དངུལ་རྩིས་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་འཕྲི་བསྣོན་ ༢༠༡༢ ཅན་མ་གིས་ དངུལ་རྩིས་ལྷན་ཁག་ལུ་འགན་དབང་སྤྲོད་ནི་དེ་ཡང་།
  • གཞུང་གི་རྒྱ་ཁྱབ་དཔལ་འབྱོར་གྱི་སྲིད་བྱུས་འགོ་འདྲེན་འཐབ་ནི་དང་ གཞུང་གི་དཔལ་འབྱོར་དང་དངུལ་འབྲེལ་གནས་སྟངས་ཀྱི་སྙན་ཞུ་ཕུལ་ནི།
  • རྒྱ་ཁྱབ་དཔལ་འབྱོར་སྲིད་བྱུས་འགོ་འདྲེན་འཐབ་ནི་ལུ་ ལྷན་ཐབས་འབད་ནི།
  • གཞུང་གི་རྒྱ་ཁྱབ་དཔལ་འབྱོར་སྲིད་བྱུས་འགོ་འདྲེན་འཐབ་ནིའི་དོན་ལུ་ རྒྱ་ཁྱབ་དཔལ་འབྱོར་གཞི་བཀོད་འགོ་འདྲེན་ ཚོགས་ཆུང་གཞི་བཙུགས་འབད་ནི།
  • གཞུང་གི་རྒྱ་ཁྱབ་དཔལ་འབྱོར་དང་ བསྐྱི་ནི  བསྐྱི་བཅུག་ནིདང་ གནང་སྦྱིན་ཚུ་བརྩིས་ཏེ་ དངུལ་འབྲེལ་འགན་ཁུར་གཞན་འགོ་འདྲེན་འཐབ་ནི་དང།
  • རྒྱལ་ཁབ་ཀྱི་དཔལ་འབྱོར་འཛིན་སྐྱོང་དང་འབྲེལ་བའི་ལཱ་འགན་དང་འགན་ཁུར་ཚུ་ག་ར་རྒྱ་ཁྱབ་དཔལ་འབྱོར་གྱི་སྲིད་བྱུས་རིམ་མཐུན་དང་མི་སྡེ་དཔལ་འབྱོར་གོང་འཕེལ་ཡུན་བརྟན་ངེས་བརྟན་བཟོ་ནི་དོན་ལུ་རྒྱ་ཆེ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་འོག་ལུ་བསྡབ་ནུག།

གལ་གནད་ཆེ་བའི་ལཱ་འགན།

  • དུས་ཡུན་བར་མའི་རྒྱ་ཁྱབ་དཔལ་འབྱོར་གཞི་བཀོད་འགོ་འདྲེན་ཐོག་ལས་ རྒྱལ་ཁབ་ཀྱི་རྒྱ་ཆེ་དཔལ་འབྱོར་གྱི་སྲིད་བྱུས་དང་འཆར་གཞི་འཛིན་སྐྱོང་འཐབ་ནི།
  • དཔལ་འབྱོར་འཛིན་སྐྱོང་ལེགས་ཤོམ་གྱི་དོན་ལུ་ དཔལ་འབྱོར་ལས་སྡེ་གི་སྲིད་བྱུས་གལ་ཅན་ཚུ་མཉམ་འབྲེལ་འབད་ནི།
  • ལོ་ལྔའི་འཆར་གཞི་དང་ལོ་ལྟར་འཆར་དངུལ་གྲ་སྒྲིག་གི་དོན་ལུ་ཐོན་སྐྱེད་འགབ་ཚད་དང་དངུལ་འབྲེལ་བརྡ་སྟོན་གཏན་འབེབས་འབད་ནི།
  • དཔལ་འབྱོར་དང་དངུལ་འབྲེལ་གནས་སྟངས་ཚུ་གུར་ བསླབ་བྱ་དང་རྒྱབ་སྣོན་འབད་ནི།
  • རྒྱ་ཆེ་དཔལ་འབྱོར་གསང་ཞིབ་འབད་ནི་དང་འོད་ལྡན་གྱི་ཞི་བཀོད་དང་ཉེན་ཁ་ཆེ་བའི་སྲིད་བྱུས་ཀྱི་དཀའ་ངལ་བསལ་ཐབས་ཀྱི་དོན་ལུ་འོད་ལྡན་གྱི་ཐབས་ཤེས་ཚུ་གི་བཀོད་རྒྱ་བྱིན་ནི།
  • མི་མང་བུ་ལོན་འདི་ཡུན་བརྟན་དང་དང་གནས་གོང་དམའ་བའི་ཁར་ རིན་ཚད་ལྡན་པའི་ཉེན་ཁ་ཚུགི་ཐོག་ལས འགན་འཛིན་འབད་ཡོདཔ་ངེས་བརྟན་བཟོ་ནི།
  • བུ་ལོན་གྱི་ཡུན་བརྟན་དབྱེ་ཞིབ་དང་ གནས་ཡུན་བར་མའི་བུ་ལོན་ཐབས་བྱུས་ཚུ་ལུ་ གཞིར་བཞག་ཐོག་ལས་ བུ་ལོན་འབྱུང་དུས་ཀྱི་རྒྱབ་སྣོན་ཚུ་ གྲ་སྒྲིག་འབད་ནི།་
  • རྒྱལ་ཁབ་ཀྱི་བདག་དབང་འཛིན་པའི་ཚོང་ལས་ ལཱ་བཀོད་རྐྱབ་ནི་དང་གཞུང་སྐྱོང་ལས་འཛིན་ལེགས་ཤོམ་གོང་འཕེལ་གཞི་བཙུགས་འབད་ནི།
  • དཔལ་འབྱོར་གྱི་གནད་དོན་ཚུ་གི་ཐོག་ལུ་རྒྱལ་ཡོངས་  ལུང་ཕྱོགས་ དང་རྒྱལ་སྤྱིའི་གནས་ཚད་ཚུ་དང་གཅིག་ཁར་ འབྲེལ་འཐབ་ མཉམ་འབྲེལ་དང་ གྲལ་གཏོགས་འབད་ནི།
  • རྒྱལ་ཡོངས་ས་ཆ་ལྷན་ཚོགས་ ཁྲོམ་སྡེ་དང་ས་གནས་གཞུང་ཚུ་དང་གཅིག་ཁར་གྲོས་བསྟུན་ཐོག་ལས་ དཔལ་འབྱོར་བརྟག་ཞིབ་དང་ རྒྱལ་ཡོངས་རྒྱུ་དངོས་ཚུ་གི་གནས་གོང་་འགོ་འདྲེན་འཐབ་ནི། ་
  • རྒྱ་ཆེ་དཔལ་འབྱོར་གཞི་བཀོད་འགོ་འདྲེན་ཚོགས་ཆུང་གི་ ཡིག་ཚང་གཙོ་བོ་ཅིག་འབད་ནི་དང་ ཨེམ་ཧེཕ་སི་ཊི་སི(MFCTC) འགོ་འཁྲིད་འབད་ནི།

རྒྱ་ཆེ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་ཀྱི་བཟོ་བཀོད།

ཁོང་རའི་འགན་དབང་དང་ལཱ་འགན་དང་འཁྲིལ་ད་  རྒྱེ་ཆེ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་འདི་སྡེ་ཚན་བཞི་ལུ་སྦེ་བཟོ་བཀོད་འབད་དེ་ཡོད། དེ་ཡང་།

༡. རྒྱ་ཁྱབ་དཔལ་འབྱོར་གྱི་སྲིད་བྱུས་འགོ་འདྲེན་དང་གསང་ཞིབ་སྡེ་ཚན།

༢.དངུལ་འབྲེལ་སྲིད་བྱུས་སྡེ་ཚན།

༣.བུ་ལོན་འཛིན་སྐྱོང་སྡེ་ཚན་དང་།

༤. མ་རྩ་གཞི་བཙུགས་དང་ དང་གཞུང་སྐྱོང་ལས་འཛིན་སྡེ་ཚན།

ལས་ཁུངས་འོག་གི་སྡེ་ཚན་ཚུ་ལུ་དམིགས་བསལ་གྱི་ལཱ་དང་ འགན་ཁུར་ཚུ་ཡོད།  སྡེ་ཚན་འདི་ཚུ་ འོད་ལྡན་གྱི་ལཱ་འགན་དང་འགན་ཁུར་ཚུ་འབག་སྟེ་ ནུས་ཤུགས་ཅན་འབད་ནི་ལུ་ ལས་ཚན་ཁ་སྐོང་བཟོ་ནུག།

རྒྱ་ཆེ་དཔལ་འབྱོར་སྲིད་བྱུས་འགོ་འདྲེན་དང་གསང་ཞིབ་སྡེ་ཚན་ལུ་འོག་གི་ལས་ཚན་ཚུ་ཡོདཔ་ཨིན།

༡. རྒྱ་ཆེ་དཔལ་འབྱོར་གྱི་སྲིད་བྱུས་འགོ་འདྲེན་ལས་ཚན།

༢.རྒྱ་ཆེ་སྲིད་བྱུས་དཔྱད་ཞིབ་དང་ཞིབ་འཚོལ་ལས་ཚན།

༣ དཔལ་འབྱོར་ལྟ་རྟོག་དང་གསང་ཞིབ་ལས་ཚན།

དངུལ་འབྲེལ་སྲིད་བྱུས་སྡེ་ཚན་འདི་ཧེང་སྐལ་ར་འོག་གི་ལས་ཚན་ཚུ་ལུ་སོ་སོ་འཕྱལ་ནུག།

༡.དངུལ་འབྲེལ་འཆར་བཀོད་འགོ་འདྲེན་དང་ལྟ་རྟོག་ལས་ཚན།

༢.འོང་འབབ་སྔོན་བཤད་དང་ཁྲལ་གྱི་སྲིད་བྱུས་དཔྱད་ཞིབ་ལས་ཚན་དང།

༣.རྒྱུ་དངོས་དབྱེ་ཞིབ་དང་གནས་གོང་ལས་ཚན།

བུ་ལོན་འཛིན་སྐྱོང་སྡེ་ཚན་འདི་འོག་གི་ལས་ཚན་ཚུ་གིས་སྦེ་རྒྱབ་སྐྱོར་འབདཝ་ཨིན།

༡.རྒྱལ་སྤྱི་མཉམ་འབྲེལ་དང་སྲིད་བྱུས་འགོ་འདྲེན་ལས་ཚན།( གདོང་ཕྱོགས་ཡིག་ཚང་།)

༢.བུ་ལོན་དཔྱད་ཞིབ་དང་ཐབས་ཤེས་བཀོད་སྒྲིག་ལས་ཚན།(བར་གྱི་ཡིག་ཚང་།)

༣.བུ་ལོན་བརྡ་དོན་འཛིན་སྐྱོང་དང་དངུལ་སྤྲོད་ལས་ཚན།(རྒྱབ་ཕྱོགས་ཡིག་ཚང་།)

མ་རྩ་བཙུགས་བཞག་དང་གཞུང་སྐྱོང་ལས་འཛིན་སྡེ་ཚན་ལུ་འོག་གི་ལས་ཚན་ཚུ་ཡོདཔ་ཨིན།

༡.ལཱ་ཤུལ་འཛིན་སྐྱོང་སྡེ་ཚན།

༢.ལས་འཛིན་དངུལ་ལས་དང་མ་རྩ་བཙུགས་བཞག་འཛིན་སྐྱོང་ལས་ཚན་དང་།

༣.གཞུང་སྐྱོང་ལས་འཛིན་དང་ལྟ་རྟོག་ལས་ཚན།

༤.མི་དམངས་སྒེར་སྡེ་མཉམ་འབྲེལ་སྡེ་ཕྲན།

སྒྲིག་བཀོད།

 999 ཡོངས་བསྡོམས་བལྟ་མི།,  1 ད་རིས་བལྟ་མི།

Print Friendly, PDF & Email