དངུལ་རྩིས་བློན་པོ།

དངུལ་རྩིས་བློན་པོ་དྲུག་པ།
མི་རྗེ་བློན་པོ་རྣམ་རྒྱས་ཚེ་རིང་།

མི་རྗེ་བློན་པོ་རྣམ་རྒྱས་ཚེ་རིང་འདི་འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་བཙག་འཐུ་གྲུབ་ཡོད་པའི་དངུལ་རྩིས་བློན་པོ་གསུམ་པ་ཨིན། དེ་ཡང་ལྷན་ཁག་གི་འགན་ཁག་ལུགས་མཐུན་སྒོ་ལས་སྤྱི་ལོ་༢༠༡༨ སྤྱི་ཟླ་༡༡ པའི་སྤྱི་ཚེས་༧ ལུ་བསྣམས་ཏེ་ཡོདཔ་ཨིན།  སྲིད་དོན་ནང་བཅའ་མ་མ་གཏོགས་པའི་ཧེ་མ་ མི་རྗེ་མཆོག་གིས་འཛམས་གླིང་དངུལ་ཁང་དང་ རྒྱལ་སྤྱིའི་མ་དངུལ་གྱི་ལས་འགུལ་འགོ་འདྲེན་པ་དང་གསོ་བའི་ལྷན་ཁག་ནང་ འཆར་གཞི་འགོ་དཔོན་དང་ ལས་རིམ་འཛིན་སྐྱོང་པ་སྦེ་ཕྱག་ཞུ་ནུག།


དངུལ་རྩིས་བློན་པོ་ལྔ་པ།
མི་རྗེ་བློན་པོ་རྣམ་རྒྱས་རྡོ་རྗེ།

མི་རྗེ་བློན་པོ་རྣམ་རྒྱས་རྡོ་རྗེ་འདི་འབྲུག་གི་དམངས་གཙོའི་རིང་ལུགས་ནང་ལས་བཙག་འཐུ་གྲུབ་ཡོད་པའི་དངུལ་རྩིས་བློན་པོ་གཉིས་པ་ཨིན། དེ་ཡང་ལྷན་ཁག་གི་འགན་ཁག་ཚུ་ལུགས་མཐུན་གྱི་སྒོ་ལས་སྤྱི་ལོ་ ༢༠༡༣ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༢༧ ལུ་བསྣམས་ནུག། མི་རྗེ་བློན་པོ་མཆོག་གིས་ མི་སེར་དམངས་གཙོའི་ཚོགས་པའི་འདེམས་ངོ་འབད་ ཀྲོང་གསར་བྲག་སྟེང་གླང་མཐིལ་ འདེམས་ཁོངས་ནང་ལས་དོ་འགྲན་འབད་ནུག། མི་རྗེ་བློན་པོ་འདི་ཀྲོང་གསར་ངག་དག་ གླང་མཐིལ་ལུ་སྤྱི་ལོ་༡༩༦༨ སྤྱི་ཟླ་ ༢ པའི་སྤྱི་ཚེས་༢༣ ལུ་སྐུ་འཁྲུངས་ནུག། ཁོ་ལུ་སྲས་མོ་གསུམ་ཡོད།

ཁོ་གིས་རྒྱ་གར་བོམ་བེ་གཙུག་ལག་སློབ་སྡེའི་ནང་ལས་ གཙུག་ལག་གཞི་རིམ་ཁྲིམས་དོན་སྦྱང་ཡོདཔ་དང་ཤེས་རབ་རྩ྄ེ་མཐོ་རིམ་སློབ་གྲྭ་ལས་གཙུག་ལག་གཞི་རིམ་ཚོང་རིག་སྦྱང་ཡོདཔ་ཨིན། ཁོ་གིས་༢༠༠༨ནང་སྲིད་དོན་ཚོགས་པ་ནང་བཅའ་མར་མ་གཏོགས་པའི་ཧེ་མ་དེའི་བསྒང་གི་འབྲུག་གོང་འཕེལ་དངུལ་ཁང་ལས་འཛིན་ཚད་ ནང་ཡོངས་ཁྱབ་འཛིན་སྐྱོང་འོགམ་སྦེ་འབད་ཕྱག་ཞུ་ནུག།


དངུལ་རྩིས་བློན་པོ་བཞི་པ།
མི་རྗོ་བློན་པོ་དབང་འདུས་ནོར་བུ།

རྒྱལ་ཡོངས་ཚོགས་འདུ་ཚོགས་འདུ་ཆེན་མོ་ཐེངས་ ༨༡ པ་འདི་ལྷན་རྒྱས་གཞུང་ཚོགས་ དྲུག་གི་བློན་པོ་ཚུ་གིས་དོན་ལུ་བློ་གཏད་ཚོགས་རྒྱན་ལུ་འགྱུར་ཡོདཔ་དང་བློན་པོ་གསར་བཙུག་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་བཞི་ཡང་གསང་བའི་ཚོགས་རྒྱན་བསྐྱུར་ཏེ་བློན་པོ་བདུན་གྱི་ནང་ལས་བཙག་འཐུ་གྲུབ་ཨིན། བློན་པོ་དབང་འདུས་ནོར་བུ་འདི་བློན་པོ་གསར་གྲུབ་བཞི་གི་ནང་ལས་གཅིག་ཨིནམ་དང་དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༠༣སྤྱི་ཟླ་༧པའི་སྤྱི་ཚེས་༩ལུ་བཀབ་ནི་ལི་ཝང་གནང་ཡོདཔ་དང་སྤྱི་ལོ་༢༠༠༣སྤྱི་ཟླ་༨པའི་སྤྱི་ཚེས་༡ ལུ་དངུལ་རྩིས་བློན་པོ་སྦེ་བསྐོ་བཞག་གནང་ནུག།  བློན་པོ་མ་མཛད་པའི་སྔ་གོང་ལུ་ དངུལ་རྩིས་དྲུང་ཆེན་དང་རྩིས་ཞིབ་ཡོངས་ཁྱབ་སྦེ་ཕྱག་ཞུ་ནུག། ཁོ་གིས་དངུལ་རྩིས་བློན་པོ་སྦེ་སྤྱི་ལོ་༢༠༠༣གི་སྤྱི་ཟླ་༧པ་ལས་སྤྱི་ལོ་༢༠༠༧གི་སྤྱི་ཟླ་༧པ་ཚུན་ཕྱག་ཞུ་ནུག། རྩ་ཁྲིམས་ཅན་གྱི་རྒྱལ་གཞུང་གི་སྐབས་བློན་པོ་དབང་འདུས་ནོར་བུ་འདི་དམང་གཙོའི་རིང་ལུགས་ཀྱི་དངུལ་རྩིས་བློན་པོ་དང་པ་སྦེ་བཙག་འཐུ་གྲུབ་ནུག།  མི་རྗེ་མཆོག་འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་སྦེ་བཀྲ་ཤིས་སྒང་བར་ཚམ་ཤོང་ཕུག་གི་འདེམས་ཁོངས་ལས་འཐོན་ནུག།


དངུལ་རྩིས་བློན་པོ་གསུམ་པ།
མི་རྗེ་བློན་པོ་ཡེ་ཤེས་སྦྱིན་པ།

རྒྱལ་ཡོངས་ཚོགས་འདུ་ཆེན་མོ་་ཐེངས་ ༧༦ པ་འདི་རྒྱལ་ཁབ་ནང་ལུ་བྱུང་རབས་ཀྱི་གོང་འཕེལ་གཅིག་སྦེ་གཟིགས་གནང་ཡི།  དེ་ཡང་ ནམ་ཡང་བྱུང་མ་མྱོང་བའི་བྱ་བ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཛིན་སྐྱོང་ལྷན་སྡེ་གི་དབང་ཚད་དེ་ བཙག་འཐུ་གྲུབ་པའི་ཚོགས་སྡེ་བློན་པོ་ཚུ་ལུ་འགན་སྤྲོད་གནང་ནུག། རྒྱལ་ཡོངས་ཚོགས་འདུ་གི་འཐུས་མི་ཚུ་གིས་ གསང་བའི་ཚོགས་རྒྱན་བསྐྱུར་ཏེ་བློན་པོ་ཚུ་བཙག་འཐུ་འབདཝ་ཨིན།  བཙག་འཐུ་གྲུབ་པའི་བློན་པོ་ཡོད་པའི་བློན་པོ་དྲུག་གི་ནང་ལས་ མི་རྗེ་བློན་པོ་ཡེ་ཤེས་སྦྱིན་པ་མཆོག་གིས་སྤྱི་ལོ་ ༡༩༩༨ སྤྱི་ཟླ་ ༨ པའི་ནང་དངུལ་རྩིས་བློན་པོའི་གོ་གནས་བཞེས་གནང་ནུག། སྔ་གོང་བློན་པོ་བསྐོ་བཞག་མ་མཛད་པའི་སྐབས་ཁོ་གིས་དངུལ་རྩིས་བློན་པོ་འོག་མ་སྦེ་ ཟླ་ངོ་དྲུག་གིས་རིང་ ལུ་ཕྱག་ཞུ་ནུག། ཁོ་གིས་དངུལ་རྩིས་བློན་པོ་སྦེ་སྤྱི་ལོ་༡༩༩༨ གི་སྤྱི་ཟླ་ ༨ ལས་སྤྱི་ལོ་ ༢༠༠༣ གི་སྤྱི་ཟླ་ ༧ པ་ཚུན་ཕྱག་ཞུ་ནུག།


དངུལ་རྩིས་བློན་པོ་གཉིས་པ།
མི་རྗེ་བློན་པོ་རྡོ་རྗེ་ཚེ་རིང་།

ཁོ་གིས་སྤྱི་ལོ་ ༡༩༨༨ ལས་༡༩༩༨ ཚུན་བློན་པོ་སྦེ་ཕྱག་ཞུ་ནུག།  དེ་མ་ཚད་ཁོ་གིས་སྤྱི་ལོ་༡༩༨༣ ལས ༡༩༨༨ ཚུན་དངུལ་རྩིས་བློན་པོ་འོག་མ་སྦེ་ཕྱག་ཞུ་ནུག།


དངུལ་རྩིས་བློན་པོ།
དངུལ་རྩིས་བློན་པོ་དང་པ།

དངུལ་རྩིས་བློན་པོ་འགོ་དང་པ་ བསྐོ་བཞག་གནང་ནི་གྲོས་ཆོད་དེ་ཡང་སྤྱི་ལོ་༡༩༦༨ སྤྱི་ཟླ་ ༥ པའི་སྤྱི་ཚེས་༢༠ ལུ་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེང་ ༢༨ པ་ཚོགས་པའི་སྐབས་ལུ་བྱུང་ནུག།


 3,729 ཡོངས་བསྡོམས་བལྟ་མི།,  2 ད་རིས་བལྟ་མི།

Print Friendly, PDF & Email