འཆར་གཞི་འཆར་དངུལ་དང་གྲུབ་འབྲས་ལས་ཁུངས།

འཆར་སྣང་།

  • མི་མང་ཐོན་སྐྱེད་འདི་ཕན་ནུས་དང་འཇོན་གྲགས་ཅན་གྱི་བགོ་སྐལ་འཛིན་སྐྱོང་འབད་ནི།

དམིགས་སྐྱེད།

  • འཆར་དངུལ་ལམ་ལུགས་འདི་ཕན་ནུས་དང་མཐིལ་ཕྱིན་སྲིད་བྱུས་ཐོག་ལས་འཆར་དངུལ་ལམ་ལུགས་རྒྱ་སྐྱེད་བཏང་ནི།

འདུས་ཚོགས་སྒྲིག་བཀོད།

རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ཀྱིས་ལཱ་འགན།

  • ལོ་བསྟར་རྒྱལ་ཡོངས་འཆར་དངུལ་བཟོ་ནི།
  • འཆར་དངུལ་སྙན་ཞུ་གྲ་སྒྲིག་འབད་ནི།
  • ལོ་ཕྱེད་ཀྱི་འཆར་དངུལ་བསྐྱར་ཞིབ་འབད་ནི།
  • འཆར་དངུལ་འཛིན་སྐྱོང་།
  • ལཱ་ཤུལ་ལྟ་རྟོག་འབད་ནི།
  • ལོ་མང་རྒྱུན་འཁོར་འཆར་དངུལ་གྲ་སྒྲིག་འབད་ནི།
  • ནང་འཁོད་ཐོན་སྐྱེད་ཀྱིས་རྒྱུན་སྐྱོང་ཟད་འགྲོ་བདའ་ཟུནམ་ངེས་བརྟན་བཟོ་ནི།
  • ཐབས་ཤེས་གསརཔ་གིས་ཐོག་ལུ་ཞིབ་འཚོལ་འབད་ནི།
  • འཆར་དངུལ་ལས་ཚབ་ཚུ་ལུ་ཁྱད་རིག་གི་རྒྱབ་སྐྱོར།
  • གློག་འབྲེལ་གཞུང་འདི་རྩ་བརྟན་བཟོ་ནི།

སྡེ་ཚན།

རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ལུ་སྡེ་ཚན་བཞི་ཡོད།སྡེ་ཚན་རེ་རེ་ལུ་ ལཱ་སྡེ་དང་འཁྲིལ་ ལས་སྡེ་ཚུ་ཡོདཔ་ཨིན།དེ་ཡང་ མི་སྡེ་དང་སྔར་སྲོལ་སྡེ་ཚན། དཔལ་འབྱོར་དང་བརྒྱུད་འབྲེལ་སྡེ་ཚན། ས་གནས་གཞུང་སྡེ་ཚན་དང་ རང་སྐྱོང་དང་རྩ་ཁྲིམས་ཅན་གྱི་སྡེ་ཚན། ཚུ་ཨིན།

འ་ནཱི་སྡེ་ཚན་བཞི་འདི་ངེས་པར་དུ་གོང་གི་ལཱ་འགན་ཚུ་དམིགས་ཡུལ་དང་བཅས་ལས་ཚབ་ཚུ་ལུ་ཞབས་ཏོག་བྱིན་དགོཔ་ཨིན།  བརྡ་དོན་འཕྲུལ་རིག་ལས་ཚན་གྱིས་སྡེ་ཚན་ག་ར་ལུ་རྒྱབ་སྐྱོར་བྱིནམ་ཨིན།

མི་སྡེ་དང་ལམ་སྲོལ་སྡེ་ཚན།

འ་ནཱི་སྡེ་ཚན་ཚུ་གིས་འགན་ཁུར་འདི་འོག་གི་ལྷན་ཁག་ཚུ་གི་དོན་ལུ་ཨིན།

༡. ཤེས་རིག་ལྷན་ཁག།

༢. གསོ་བའི་ལྷན་ཁག།

༣. ནང་སྲིད་དང་སྲོལ་འཛིན་ལྷན་ཁག།

༤. ཞབས་ཏོག་ལྷན་ཁག།

༥. ལས་གཡོག་ལྷན་ཁག།

དཔལ་འབྱོར་དང་བརྒྱུད་འབྲེལ་སྡེ་ཚན།

འ་ནཱི་སྡེ་ཚན་ཚུ་གིས་འགན་ཁུར་འདི་འོག་གི་ལྷན་ཁག་ཚུ་གི་དོན་ལུ་ཨིན།

༡. བསྟན་རྒྱས་ལྷན་ཁག།

༢. སོ་ནམ་དང་ནགས་ཚལ་ལྷན་ཁག།

༣. ཕྱི་འབྲེལ་ལྷན་ཁག།

༤. དངུལ་རྩིས་ལྷན་ཁག།

༥. བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག།

ས་གནས་གཞུང་གི་སྡེ་ཚན།

འ་ནཱི་སྡེ་ཚན་གྱིས་འོག་ལུ་བཀོད་མི་ཚུ་བལྟཝ་ཨིན།

༡. རྫོང་ཁག་  ༢༠

༢. རྒེད་འོག་  ༢༠༥

༣. ཁྲོམ་སྡེ ༤

རང་སྐྱང་དང་རྩ་ཁྲིམས་ཅན་གྱི་སྡེ་ཚན།

འ་ནཱི་སྡེ་ཚན་གྱིས་འོག་ལུ་བཀོད་མི་ཚུ་བལྟཝ་ཨིན།

༡. རྩ་ཁྲིམས་ཅན་གྱི་འདུས་ཚོགས།

༢. རང་སྐྱོང་ལས་སྡེ།

སྤྱིར་བཏང་གྲོགས་རམ་ཞབས་ཏོག།

བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དང་སྤྱི་ཐོག་སྡེ་ཚན།

འ་ནཱི་སྡེ་ཚན་གྱིས་འོག་ལུ་བཀོད་མི་ཚུ་བལྟཝ་ཨིན།

༡ ལོ་མང་རྒྱུན་འཁོར་འཆར་དངུལ་ ཨེམ་ཝའི་ཨར་བི་ (MYRB)རིམ་ལུགས་གསར་བཟོ་དང་ད་ལྟོ་ཡོད་མི་བསྐྱར་བཟོ་འབད་ནི།

༢ ཡོངས་འབྲེལ་ལམ་ལུགས་ལག་ལེན་འཐབ་ནི་དང་དགོས་མཁོ་ཉེན་སྲུང་ལག་ལེན་འཐབ་མི་གོང་འཕེལ་གཏང་ནི།

༣ མཐུད་འབྲེལ་རྒྱུན་འགྲུལ་ ལག་ལེན་དང་ ལས་དོན་ཐོག་ལུ་ལྟ་རྟོག་དང་སྙན་ཞུ་འབད་ནི།

༤ ལོ་མང་རྒྱུན་འཁོར་འཆར་དངུལ་ (MYRB)རིམ་པ་སྣ་ཚོགས་ཐོག་ལས་འཆར་དངུལ་བཟོ་ནི་ལ་སོགས་པ།

༥ གློག་འགྲེམས་དང་ཡིག་ཚང་རྒྱུ་དངོས་གཏོང་ལེན།

 3,989 ཡོངས་བསྡོམས་བལྟ་མི།,  1 ད་རིས་བལྟ་མི།

Print Friendly, PDF & Email