དངུལ་རྩིས་དྲུང་ཆེན།

དངུལ་རྩིས་དྲུང་ཆེན་བརྒྱད་པ།
དྲགོས་སྐལ་བཟང་བདེ་སྐྱིད།

སྤྱི་ལོ་ ༢༠༢༡ སྤྱི་ཟླ་༨ པའི་སྤྱི་ཚེས་ ༡༤ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དྲགོས་སྐལ་བཟང་བདེ་སྐྱིད་ལུ་ཁ་དར་གནང་སྟེ་ དངུལ་རྩིས་ལྷན་ཁག་གི་ དྲུང་ཆེན་སྦེ་བསྐོ་བཞག་མཛད་གནང་ནུག།  དྲགོས་མཆོག་གི་གཟེངས་ཐོན་བྱུང་བའི་ ཚོ་གཡོག་ འདི་དངུལ་རྩིས་ལྷན་ཁག་གི་འོག་ལུ་ཡོད་པའི་  འོང་འབབ་དང་ཅ་དམ་ལས་ཁུངས་ནང་ ཅ་ཁྲལ་འགོ་དཔོན་གཞོན་ཤོས་ཅིག་སྦེ་་འགོ་བཙུགས་ནུག།  དྲགོས་ཀྱི་ངོ་མཚར་ཆེ་བའི་ དབུ་ཁྲིད་ཀྱི་གོ་འཕང་འདི་ལུ་ངོས་འཛིན་མཛད་དེ།  དྲགོས་མཆོག་སྤྱི་ལོ  ༢༠༡༤  སྤྱི་ཟླ་ ༥ པའི་སྤྱིས་ཚེས་ ༢༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་བཞི་གིས་ནང་ལས་གཅིག་འབད་ བསྐོ་བཞག་གནང་ནུག ། མོ་ར་གི་གནས་ཡུན་འདི་མཐར་འཁྱོལ་བའི་ཤུལ་ལུ་ ལོག་སྟེ་རང་དྲགོས་མཆོག་སྤྱི་ལོ  ༢༠༡༩ སྤྱི་ཟླ་ ༥ པའི་ནང་ དངུལ་རྩིས་ལྷན་ཁག་ནང་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་སྦེ་ཕྱག་ཞུ་ནུག།


དངུལ་རྩིས་དྲུང་ཆེན་བདུན་པ།
དྲགོས་ཉིམ་རྡོ་རྗེ།

སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༧པའི་སྤྱི་ཚེས་ ༡༤ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དྲགོས་ཉིམ་རྡོ་རྗེ་འདི་དངུལ་རྩིས་དྲུང་ཆེན་སྦེ་བསྐོ་བཞག་གནང་ཡི།  དེ་གི་ཧེ་མ་ དྲགོས་ཀྱིས་སོ་ནམ་དང་ནག་ཚལ་གྱི་ལྷན་ཁག་གི་ཡོངས་ཁྱབ་མདོ་ཆེན་སྦེ་ཕྱག་ཞུ་ནུག། དེ་མ་ཚད་ཁོ་གིས་དངུལ་རྩིས་མཉམ་འབྲེལ་དྲུང་ཆེན་སྦེ་ཡང་ཕྱག་ཞུ་ནུག།   དྲགོས་ཀྱི་ཚེ་གཡོག་འདི་སྤྱི་ལོ་ ༡༩༨༩ ལས་   དངུལ་རྩིས་ལྷན་ཁག་ནང་སྦྱོང་བརྡར་འགོ་དཔོན་ཅིག་སྦེ་འགོ་བཙུགས་ནུག། དྲགོས་ཀྱིས་སྤྱི་ལོ་ ༢༠༠༧ ལུ་མང་རྩིས་ལས་ཁུངས་ནང་མདོ་ཆེན་སྦེ་མཛད་ཡོདཔ་དང་དངུལ་རྩིས་མཉམ་འབྲེལ་དྲུང་ཆེན་སྦེ་ཕྱག་ཞུ་ནུག།   དྲགོས་ཀྱིས་ཨཱས་ཊེ་ལི་ཡ་ཀེན་བཱ་ར་ལས་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་ནང་གཙུག་ལག་མཐོ་རིམ་གོང་མའི་སློབ་སྦྱོང་གནང་ནུག།


དངུལ་རྩིས་དྲུང་ཆེན་དྲུག་པ།
དྲགོས་ལྷམ་རྡོ་རྗེ།  

དྲགོས་འདི་དངུལ་རྩིས་དྲུང་ཆེན་འབད་བསྐོ་བཞག་མ་འབད་བའི་སྔོན་མ་འཆར་གཞི་དྲུང་ཆེན་འབད་ཕྱག་ཞུ་ནུག།  སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༣ པའི་ སྤྱི་ཚེས་ ༡༩ ལུ་དྲུང་ཆེན་གཡངས་སྐྱིད་ཀྱིས་ལུགས་མཐུན་གྱི་སྒོ་ལས་ འགན་ཁག་ཚུ་ད་ལྟོའི་དྲུང་ཆེན་ལུ་སྤྲོད་གནང་ནུག།  དྲགོས་ཀྱི་འཆར་དངུལ་དང་རྩིས་ཁྲའི་ལས་ཁུངས་ནང་ མདོ་ཆེན་འབད་(༡༩༩༧-༢༠༠༣) ལོ་ངོ་བདུན་གྱི་རིང་ལུ་ཕྱག་ཞུ་བའི་ཤུལ་ལུ་ གནས་སོར་ཏེ་ ༢༠༠༧ ཚུན་འཆར་གཞི་ལྷན་ཚོགས་ཀྱི་དྲུང་ཆེན་ཡིག་ཚང་ནང་ལུ་ཕྱག་ཞུ་ནུག།


དངུལ་རྩིས་དྲུང་ཆེན་ལྔ་པ།
དྲགོས་གཡངས་སྐྱིད་ཀྲི་དབང་ཕྱུག།

དྲགོས་འདི་ལུགས་མཐུན་གྱི་སྒོ་ལས་ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༩ པའི་སྤྱི་ཚེས་༤ ལུ་དངུལ་རྩིས་དྲུང་ཆེན་འབད་བསྐོ་བཞག་གནང་ནུག།   གོ་གནས་འདི་གུར་ བསྐོ་བཞག་མ་གནང་བའི་ཧེ་མ་དྲགོས་གཡངས་སྐྱིད་ཀྱིས་གྲོགས་རམ་དང་ བུ་ལོན་འཛིན་སྐྱོང་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་དང་དངུལ་རྩིས་ལྷན་ཁག་གི་མཉམ་འབྲེལ་དྲུང་ཆེན་སྦེ་ཡང་ཕྱག་ཞུ་ནུག།


དངུལ་རྩིས་དྲུང་ཆེན་བཞི་པ།
དྲགོས་དབང་འདུས་ནོར་བུ།

དྲགོས་འདི་སྤྱི་ལོ་ ༢༠༠༠ སྤྱི་ཟླ་༡པའི་སྤྱི་ཚེས་༡ལུ་ལྷན་ཁག་གི་དྲུང་ཆེན་སྦེ་བསྐོ་བཞག་གནང་ནུག། ཁོ་གིས་དངུལ་རྩིས་དྲུང་ཆེན་སྦེ་སྤྱི་ལོ་ ༢༠༠༣ཚུན་ལོ་ངོ་གསུམ་དང་ཕྱེདདེ་ཅིག་གི་རིང་ལུ་ཕྱག་ཞུ་ནུག།དེ་གུར་བསྐོ་བཞག་མ་འབད་བའི་ཧེ་མ་རྩིས་ཞིབ་ཡོངས་ཁྱབ་སྦེ་ཕྱག་ཞུ་ནུག།


དངུལ་རྩིས་དྲུང་ཆེན་གསུམ་པ།
དྲགོས་ཡེ་ཤེས་སྦྱིན་བ།

དྲགོས་ཡང་འགོ་ཐོག་མཉམ་འབྲེལ་དྲུང་ཆེན་སྦེ་ སྤྱི་ལོ་ ༡༩༩༡ ལུ་བསྐོ་བཞག་གནང་ནུག།  དེ་ལས་ སྤྱི་ལོ་ ༡༩༩༤ ལུ་དངུལ་རྩིས་དྲུང་ཆེན་ལུ་གོ་གནས་ཡར་སེང་འབད་དེ་སྤྱི་ལོ་ ༡༩༩༧ ཚུན་ཕྱག་ཞུ་ནུག།  དེ་གིས་ཤུལ་ལས་དངུལ་རྩིས་བློན་པོ་འོག་མ་སྦེ་སྤྱི་ལོ་ ༡༩༩༨ ཚུན་བསྐོ་བཞག་གནང་ནུག།


དངུལ་རྩིས་དྲུང་ཆོན་གཉིས་པ།
དྲགོས་ནག་དོ་རིན་ཆེན།

དྲགོས་འདི་འགོ་ཐོག་ལུ་མཉམ་འབྲེལ་དྲུང་ཆེན་སྦེ་སྤྱི་ལོ་ ༡༩༨༦ སྤྱི་ཟླ་ ༡ པའི་སྤྱི་ཚེས་༡ ལུ་བསྐོ་བཞག་གནང་པའི་ཤུལ་ལུ་ སྤྱི་ལོ་ ༡༩༨༨ ལུ་གོ་གནས་ཡར་སེང་འབད་དེ་ སྤྱི་ལོ་༡༩༨༩ སྤྱི་ཟླ་༡༡ ཚུན་དངུལ་རྩིས་དྲུང་ཆེན་སྦེ་ཕྱག་ཞུ་ནུག།


དངུལ་རྩིས་དྲུང་ཆེན་དང་པ།
དྲགོས་རྡོ་རྗེ་ཚེ་རིང་།

དྲགོས་མཆོག་ དངུལ་རྩིས་དྲུང་ཆེན་སྦེ་སྤྱི་ལོ་ ༡༩༦༨ ལུ་བསྐོ་བཞག་གནང་སྟེ་ཁོ་གིས་སྤྱི་ལོ་༡༩༨༣ ཚུན་ཕྱག་ཞུ་ནུག།


 3,941 ཡོངས་བསྡོམས་བལྟ་མི།,  2 ད་རིས་བལྟ་མི།

Print Friendly, PDF & Email