དངུལ་མཛོད་དང་ དངུལ་རྩིས་ལས་ཁུངས།

འཆར་སྣང་།

ཁྱད་རིག་གི་ལཱ་རྒྱ་སྐྱེད་ཐོག་ལས་གཞུང་གི་དངུལ་འབྲེལ་འཛིན་སྐྱོང་ནང་མཆོག་འགྱུར།

དམིགས་སྐྱེད།

ཟད་འགྲོ་ཚུལ་མཐུན་འཛིན་སྐྱོང་ དོན་སྨིན་ཅན་གྱི་དངུལ་ཁུངས་རྩིས་སྤྲོད་དང་ མཛོད་ཁང་ལག་ལེན་ཚུ་ འཇོན་ཐང་ཆེ་བའི་སྒོ་ལས་འབད་དེ་ མི་མང་ཐོན་སྐྱེད་ཚུ་སྤྱང་རིག་ཅན་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་ངེས་བརྟན་བཟོ་ནི།

ཁྱད་བཅུད།

• དྲང་བདེན།
• དངོས་ཡོད།
• དྭངས་གསལ།
• འགན་འཁྲི།
• ཁྱད་རིག་གི་ལཱ།

སྒྲིག་བཀོད།

 

ལཱ་འགན་དང་འགན་ཁུར།

འབྲུག་གི་མི་མང་དངུལ་རྩིས་བཅའ་ཁྲིམས་ཀྱི་ཡིག་ཐོག་ལུ་བཀོད་པ་ལྟར་རྒྱལ་ཡོངས་མང་རྩིས་ལས་ཁུངས་ལུ་ཁྱད་རིག་དངུལ་རྩིས་ལས་གཡོག་པའི་ཐོག་ལས་གཞུང་གི་དངུལ་རྩིས་ལམ་ལུགས་ཡང་དག་བཟོ་ནི།

  • འཇོན་ཐང་།
  • དཔལ་འབྱོར།
  • དོན་སྨིན།
  • དྲང་བདེན།
  • ཡུན་བརྟན།
  • དྭངས་གསལ་དང་།
  • འགན་འཁྲི།

རྒྱལ་ཡོངས་མང་རྩིས་ལས་ཁུངས་ཀྱི་དམིགས་ཡུལ་གྲུབ་ནི་དོན་ལུ་ སྡེ་ཚན་རང་སོའི་་ལཱ་འགན་དང་འགན་ཁུར་ཚུ་གཤམ་གསལ་ལྟར།

ཕྱག་མཛོད་འཛིན་སྐྱོང་སྡེ་ཚན།

  • ནུས་ཤུགས་ཅན་གྱི་ དངུལ་རྐྱང་འཛིན་སྐྱོང་ཐོག་ལུ་  གཞུང་གི་ཕྱོགས་འདེབས་མ་དངུལ་གྱི་རྩིས་ཁྲ་འཛིན་སྐྱོང་འབད་ནི།
  • འཆར་དངུལ་འདུས་ཚོགས་ལུ་ ཕྱི་འབྲེལ་གཞུང་ ཡང་ན་ བུ་ལོན་མ་རྩ་དང་གཞན་འབྱོར་རྟགས་ལོག་བཏབ་ནི་ཚུ་བརྩིས་པའི་ མི་གཞན་གྱིས་ གནང་སྦྱིན་དང་བུ་ལོན་སྤྲོད་མི་ཚུ་ལེན་ནི། 
  • འཆར་དངུལ་འདུས་ཚོགས་ཚུ་གིས་ དངུལ་ཁང་གི་རྩིས་ཁྲ་ འགོ་འབྱེད་དང་ལག་ལེན་འཐབ་ནི་ གནང་བ་སྤྲོད་ནི།
  • གཞུང་གི་དངུལ་ཁང་རྩིས་ཁྲ་ཚུ་ ལག་ལེན་འཐབ་ནི་དོན་ལུ་ བསྐྱར་བཟོ་དང་ ལེགས་བཅོས་འབད་ནི།
  • གཞུང་གི་ཕྱོགས་འདེབས་མ་དངུལ་རྩིས་ཁྲའི་ནང་ མི་མང་བདོག་གཏད་ཤོག་དངུལ་ དཔེར་ན་ སྐྱིན་འགྲུལ་ལྷག་ལུས་ཚུ་ རྒྱུན་སྐྱོང་འཐབ་ནི་དོན་ལུ་ མཛོད་ཁང་རྩིས་ཐོ་ཚུ་བྱིན་ནི།
  • རྩིས་ཁ་སྙོམ་ནི་དང་གནང་སྦྱིན་གྱི་སྙན་ཞུ་ཚུ་གྲ་སྒྲིག་འབད་དེ་ བུ་ལོན་དང་གཞན་རྩིས་འབྱོར་ གླ་འཐུས་ཚུ་གཞུང་གི་ལོ་ལྟར་དངུལ་འབྲེལ་རྩིས་བཤད་གྲ་སྒྲིག་འབད་ནི་ལུ་ལྷན་ཐབས་འབད་ནི།
  • ལོ་བསྟར་བློ་གཏད་མ་དངུལ་རྒྱུན་འཁོར་མ་དངུལརྒྱལ་གཞུང་དངུལ་ལས་དབང་འཛིན་དང་དངུལ་འབྲེལ་གཙུག་སྡེ་གཞན་ཚུ་དང་མཉམ་འབྲེལ་འབད་དེ་ འཆར་དངུལ་འདུས་ཚོགས་ལག་ལེན་གྱི་དོན་ལས་ དངུལ་ཁང་ཚུ་དོན་སྨིན་ཅན་བཟོ་ནི།

དངུལ་ཁུངས་རྩིས་སྤྲོད་དང་ལྟ་རྟོག་སྡེ་ཚན།

  • འཆར་དངུལ་དང་འཆར་མེན་མ་དངུལ་ཚུ་འཛིན་གྲོལ་གྱི་དོན་ལུ་ འོས་མཚམས་ལྡན་པའི་དུས་ཚོད་བཟོ་ནི།
  • དུས་དང་དུས་སུ་ དངུལ་འཛིན་གྲོལ་ ལམ་སྟོན་ཚུ བསྐྱར་ཞིབ་འབད་ནི་ བསྐྱར་བཟོ་འབད་ནི་དང་ དུས་མཐུན་བཟོ་ནི།
  • འཆར་དངུལ་འདུས་ཚོགས་ཀྱི་ མ་དངུལ་འཛིན་གྲོལ་འབད་ནི་དོན་ལས་ འཆར་དངུལ་ འཛིན་གྲོལ་ སྔོན་བཤད་ངོས་ལེན་འབད་དེ་ བསྐྱར་ཞིབ་  ཆ་སྦྱོར་འབད་ནི།
  • འཆར་དངུལ་མིན་པའི་མ་དངུལ་དུས་ཚོད་ཁར་་འཛིན་གྲོལ་འབད་ནི།
  • འཆར་དངུལ་འདུས་ཚོགས་ཚུ་གི་ དངུལ་འབྲེལ་ལས་དོན་ ལྟ་རྟོག་འབད་ནི།
  • ཕྱིའི་མ་དངུལ་གྱི་ལས་འགུལ་སྙོམས་རྩིས་སྟོན་ནི་དང་མ་དངུལ་ལྷག་ལུས་ཀྱི་སྐོར་ལས་འཆར་དངུལ་འདུས་ཚོགས་ཚུ་དང་འབྲེལ་གཏོགས་ཅན་ཚུ་ལུ་གནས་ཚུལ་བྱིན་ནི།
  • ལས་འགུལ་ལས་བྱེད་ཚོགས་ཆུང་ནང་ལས་འགུལ་ཚུ་དཀའ་ངལ་མེད་པར་གཞི་བཙུགས་འབད་ཚུགསཔ་ ངེས་བརྟན་བཟོ་ཐབས་ལུ་ ངོ་ཚབ་ལས་ཁུངས་འབད་ནི།
  • ལོ་བསྟར་ལོ་བསྟར་གཞུང་གི་དངུལ་འབྲེལ་རྩིས་བཤད་གྲངས་སུ་བཙུགས་ནི་དོན་ལུ་ ཞུ་གྲ་སྒྲིག་འབད་ནི།
  • དངུལ་རྩིས་དང་ རྩིས་ལས་ཀྱི་ལག་དེབ་ གནད་དོན་ཐོག་བསྐྱར་བཟོ་འབད་ནི།
  • དངུལ་རྩིས་དང་ རྩིས་ལས་ཀྱི་ལག་དེབ་ཐོག་  དོགས་སེལ་དང་  དོན་བྲེལ་བྱིན་ནི།
  • ཁེ་གྱོང་ཡོད་མི་ཚུ་ལུ་ གཞུང་གི་ཟད་འགྲོ་ཐོག་ བརྡ་དོན་སྤྲོད་ནི།
  • བསྐྱར་བཟོ་འགོ་འདྲེན་ཐོག་ལས་ ཕན་ཐོགས་དངུལ་འབྲེལ་འཛིན་སྐྱོང་གོང་འཕེལ་གཏང་ནི།
  • སྤྱིར་གཏང་དམངས་རྩིས་ཟད་འགྲོའི་ རྩིས་ཁྲ་  འདི་ འཆར་དངུལ་འདུས་ཚོགས་མིན་མི་དང་་ གཞུང་དབང་ཚོང་ལས་ཁང་ །  དེ་ལས་ དངུལ་སྤྲོད་འཛིན་སྐྱོང་ཞབས་ཏོག་སྡེ་ཚན་ཚུ་ལུ་  མ་དངུལ་འཛིན་གྲོལ་གྱི་དོན་ལས་ལག་ལེན་འཐབ་ནི།
  • གཞུང་གི་ རྩིས་ལས་ དང་དངུལ་སྤྲོད་ རིམ་ལུགས་ རྒྱ་སྐྱེད་གཏང་ནི་ནང་ བརྟག་ཞིབ་འབད་ནི། 
  • འཕྲུག་རིག་རྒྱབ་སྐྱོར་འབད་ནི་དང་  སྦྱོར་བརྡར་ལག་ལེན་འགོ་འདྲེན་འཐབ་ནི།
  • གཞན་འབྲེལ་ཡོད་རིམ་ལུགས་ཚུ་དང་གཅིག་ཁར་  རིམ་ལུགས་གཅིག་སྒྲིལ་བཟོ་ནི།
  • རྩིས་ལས་ སྤྲོད་ལེན་ལྟ་རྟོག་འབད་ནི་དང་  དགོ་པའི་བར་འཛུལ་འབད་ནི།
  • ཚོགས་པ་གི་ཁ་གསལ་ཆ་གནས་ཡོདཔ་བཟོ་ནིད་དང་  གནས་སྡུད་ཉེན་སྲུང་ངེས་བརྟེན་བཟོ་ནི།
  • དངུལ་འབྲེལ་འཛིན་སྐྱོང་ལེགས་ལྡན་གོང་འཕེལ་གཏང་ནི་དང་   མི་མང་དངུལ་རྩིས་འཛིན་སྐྱོང་ ལེགས་བཅོས་འགོ་འདྲེན་གྱི་དོན་ལུ་རྒྱབ་སྐྱོར་བྱིན་ནི།
  • རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་འབྲེལ་གཙུག་སྡེ་གཞན་ཚུ་དང་མཉམ་འབྲེལ་འབད་དེ་   དངུལ་སྤྲོད་དང་  རྩིས་འགྲིག་བྱ་རིམ་ཚུ་ དཀའ་ངལ་མེདཔ་ ངེས་བརྟན་བཟོ་ནི།

རྩིས་ལས་སྡེ་ཚན།

  • གཞུང་གི་རྩིས་ཁྲ་ལམ་ལུགས་འདི་བློ་གཏད་དང་ བརྡ་དོན་ཚུན་ཚུ་དུས་ཐོག་དང་ངེས་ཏིག་སྦེ་ ཐོབ་ཚུགསཔ་ངེས་བརྟན་བཟོ་ནི།
  • འཛིན་གྲོལ་འབད་ཡོད་པའི་མ་དངུལ་དང་འཆར་དངུལ་མ་འཐོབ་མིའི་འདུས་ཚོགས་དང་ SoEs ཚུ་ལུ་ ལྷན་ཐབས་འཆར་དངུལ་བྱིན་ཡོད་མི་ཚུ་གི་ རྩིས་ཁྲ་རྒྱུན་སྐྱོང་འབད་ནི།
  • མི་མང་ཟད་འགྲོ་འཛིན་སྐྱོང་རིམ་ལུགས་ཀྱི་ལས་མགྲོན་པ་ཚུ་ལུ་རྒྱབ་སྐྱོར་དང་ ལག་ལེན་གྱི་སྦྱོང་བརྡར་ཚུ་བྱིན་ཏེ་ རིམ་ལུགས་འདི་རྒྱུན་མཐུད་དེ་རང་གོང་འཕེལ་གཏང་ཡོདཔ་ངེས་བརྟན་བཟོ་ནི།
  • གཞུང་གི་དོན་ལུ་ ལོ་བསྟར་ཕྱོགས་འདེབས་མ་དངུལ་རྩིས་བཤད་ཚུ་གྲ་སྒྲིག་འབད་ནི།
  • དངུལ་འབྲེལ་བཅའ་ཡིག་དང་སྒྲིག་གཞི་དེ་བཟུམ་མའི་སྒྲིག་གཞི་གཞན་  ལག་དེབ་ སླབ་སྟོན་ཡང་ན་ཁྱབ་བསྒྲགས་ཚུ་བྱིན་ནི།
  • དངུལ་འབྲེལ་བཅའ་ཡིག་དང་སྒྲིག་གཞི་གུར་ རྩིས་དོན་ལཱ་འགན་བྱིན་ནི་དང་དོགས་གསལ་ཚུ་འབད་ནི།
  • PFMམ་འདྲཝ་བསྐྱར་བཟོའི་འགོ་འདྲེན་ཐོག་ལས་ཕན་ཐོགས་དངུལ་འབྲེལ་འཛིན་སྐྱོང་གོང་འཕེལ་གཏང་ནི།
  • IFMIS བཟོ་ནི་འགོ་བཙུགས་ནི་དང་ འབྲེལ་བ་ཡོད་པའི་རྩིས་ལས་དང་གནས་ཚུལ་བསྡུ་ལེན་ཚུ་དང་ལེན་འབད་ནི།
  • རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་འབྲེལ་གཙུག་སྡེ་གཞན་ཚུ་དང་མཉམ་འབྲེལ་འབད་དེ་ འཆར་དངུལ་ལག་ལེན་གྱི་དོན་ལུ་ དངུལ་ཁང་ལས་དོན་རིམ་སྒྲིག་དོན་སྨིན་ཅན་ཅིག་ཡོདཔ་ངེས་བརྟན་བཟོ་ནི།
  • ལས་ཁུངས་ཀྱི་འགན་དབང་གྲུབ་ནི་དོན་ལུ་འཆར་དངུལ་འདུས་ཚོགས་དང་གཞན་སྡེ་ཚན་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་ནི།

རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་ལས་ཚན།

  • གཞི་འཛིན་ལས་སྡེའི་གཞི་བཀོད་དང་འཁྲིལ་ རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་འཛིན་སྐྱོང་འབད་ནི།
  • འཕྲོ་མཐུད་སྦྱོང་བརྡར་དང་གོང་འཕེལ་ཐོག་ལས་རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་གི་ཁྱད་ལཱ་ཡར་དྲགས་བཟོ་ནི།
  • རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་གི་ སྒེར་དོན་གནས་ཚུལ་ལམ་ལུགས་འཛིན་སྐྱོང་འཐབ་ནི།
  • རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་ལས་བྱེདཔ་གི་ གཡོག་གནས་  གནས་སོར་དང་སྦྱོང་བརྡར་གྱི་དོན་ལུ་དངུལ་རྩིས་ལྷན་ཁག་གི་མི་སྟོབས་ཐོན་སྐྱེད་སྡེ་ཚན་དང་འབྲེལ་བ་འཐབ་ནི།
  • ཟླ་རིམ་ལས་ཁུངས་ཁག་གི་ཞལ་འཛོམས་ཚུ་བརྩིས་པའི་ རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་འཛིན་སྐྱོང་ཚོགས་ཆུང་གི་ཞལ་འཛོམས་འགོ་འདྲེན་འཐབ་ནི།
  • རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་གི་ལས་གཡོགཔ་ཚུ་སྦྱོང་བརྡར་དང་གནས་སོར་གྱི་དོན་ལུ་ལམ་སྟོན་དང་བྱ་སྒོའི་རིམ་པ་ཚུ་བཟོ་ནི།
  • རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་གི་དོན་ལུ་དགོས་མཁོའི་སྦྱོང་བརྡར་གནས་རྩིས་བཟོ་ནི།
  • མི་སྟོབས་སྡེ་ཚན་གྱི་འཆར་གཞི་ཨམ་ཚུ་གྲ་སྒྲིག་འབད་ནི།
  • ལས་ཁུངས་ཀྱི་འགན་དབང་གྲུབ་ནི་དོན་ལུ་འཆར་དངུལ་འདུས་ཚོགས་དང་གཞན་སྡེ་ཚན་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་ནི།

དམངས་རྩིས་ལས་ཁུངས་ཀྱིས་  དུས་ཨ་རྟག་རང་   དངུལ་རྩིས་ལྷན་ཁག་གི་  འགན་དབང་ག་ར་ འགྲུབ་ནི་ཐོག་ལས་  ཁོང་རའི་་དམིགས་ཡུལ་འགྲུབ་ཐབས་སུ་ བརྩོན་ཤུགས་བསྐྱེད་ནི།

 3,993 ཡོངས་བསྡོམས་བལྟ་མི།,  2 ད་རིས་བལྟ་མི།

Print Friendly, PDF & Email